Sunday, 6 September 2015



༼ སློབ་དཔོན་གྱི་ཉིནམ་༢༠༡༥ ལོར༽
སློབ་དཔོན་པད་མའི་རྣམ་སྤྲུལ།། སློབ་ཕྲུག་སྐྱིད་པའི་འབྱུང་གནས།།
ཡོན་ཏན་ཡིད་བཞིན་ནོར་བུ།། ཡོན་ཏན་ཀུན་ཚང་མཁས་ཡོད།།

རིག་པ་འཕེལ་བའི་ཡོན་ཏན།། རང་རྒྱུད་ཕན་པའི་བཀའ་སློབ།།
བྱམས་སྐྱོངས་བུ་བ་ལྷག་སྟེ།། གནང་བ་སློབ་དཔོན་བཀའ་དྲིན།།

རང་དོན་ཁོག་ནག་སྤང་སྟེ།། ན་གཞོན་རྒན་ཤོས་མེད་པར།།
མ་འོངས་བྱ་བ་ལམ་འགྲོ།། སྟོན་མི་སློབ་དཔོན་བཀའ་དྲིན།།

མུན་པ་སེལ་བའི་སྒྲོན་མེ།། དུས་རྒྱུན་བར་ཆད་མེད་པར།།
ཕྱི་ནང་སྐུ་ཡོན་གཉིས་ཀུ། ཡོངས་རྫོགས་ཡང་དུ་འཕེལ་ཤོག།

སྐུ་སྲོག་དབང་ཐངས་འཕེལ་ཏེ།། གསུང་དབྱངས་ཉམས་པ་མེད་པར།།
ཐུགས་བསམ་ཅི་བསམ་སྒྲུབ་སྟེ།། སློབ་དཔོན་སྐུ་ཚེ་རིང་ཤོག།

 ཤེས་བྱའི་སྦྲང་རྩི་ཞུ་མི།། སློབ་ཕྲུག་རང་གི་ཧོངས་ལས།།
བླ་མ་སློབ་མའི་དམ་ཚིག། མི་འཁྲུགས་ཁས་བླངས་ཕུལ་ཞུ།།

ཚེ་སྔོན་ལས་འཕྲོ་དབང་གིས།། སློབ་དཔོན་སློབ་ཕྲུག་འཛོམས་ཡོད།།
ཕྱི་མ་ཡང་བསྐྱར་འཛོམས་པའི།། སྨོན་ལམ་རྒྱ་ཆེནམ་བཏབ་དོ།།

འཛམ་གླིང་མཐའ་དབུས་མེད་པར།། བླ་མ་སློབ་དཔོན་ཡོངས་ལུ།།
ད་རེས་སློབ་དཔོན་ཉིནམ་ལུ།། བཀྲིས་བདེ་ལེགས་ཞུ་གེ།།

བཀྲིན་ཆེ།

1 comment:

  1. Great one ..what a wonderful composed. Keep on doing!

    ReplyDelete