Monday 28 March 2016

འབྲུག་རྒྱལ་བཞི་པ་སྐུ་ཚེ་རིང་ཞིང་ཞབས་པད་བརྟན་པར་ཤོག།

༉ གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་ལུང་བསྟན་དང་།། པད་གླིང་གདུང་བརྒྱུད་གདུང་དཀར་ཆོས་རྗེ་ལས།།
དབང་ཕྱུག་བརྒྱུད་འཛིན་མི་དབང་སེངྒེ་འཁྲུངས།། གསེར་ཁྲི་འཁོར་ལོ་འགྱུར་བའི་ལུང་བསྟན་སྒྲུབ།།

འཛམ་གླིང་འགྲན་ཟླ་འབྲེལ་བའི་རྒྱལ་པོ་མཆོག། འཛམ་གླིང་སྐད་སྒྲགས་ཆེ་བའི་དབུ་ཁྲིད་ཡིན།།
འཛམ་གླིང་ཀུན་ལུ་ཕན་པའི་གྲུབ་མཐའ་གནང་།།   འཛམ་གླིང་མུན་པ་སེལ་བའི་ཉིན་ཟླ་ཡིན།།

མི་དབང་སྔོན་གཟིགས་ཆེ་བའི་ཐུགས་འཆར་ལས།། རྒྱལ་ཡོངས་དགའ་སྐྱིད་འཛོམས་པའི་གཏེར་རྫས་འཁྲུངས།།
རང་བཞིན་དཔལ་འབྱོར་ལམ་སྲོལ་གཞུང་སྐྱོང་བཞི།། རྒྱལ་ཡོངས་དགའ་སྐྱིད་འཛོམས་པའི་ཀ་ཆེན་ཞུ།།

མི་སྡེ་རང་བཞིན་དཔལ་འབྱོར་གོང་འཕེལ་ལུ།། རང་འབྱུང་འཐོན་བསྐྱེད་མཐོ་རིམ་སློབ་གྲྦ་བཙུགས།།
ཡུན་བརྟན་གོང་འཕེལ་འཆར་གཞི་བརྩམས་ཐབས་ལུ།། གཙུག་ལག་གཞི་རིམ་ཡུན་བརྟན་གོང་འཕེལ་གནང་།།

དཔལ་ལྡན་འབྲུག་གི་རྒྱལ་དར་གནམ་ཁ་འཕྱར།། དཔལ་ལྡན་འབྲུག་གི་གླུ་སྒར་འཁྲབ་སེ་འཁྲབ།།
དཔལ་ལྡན་འབྲུག་གི་ཨོ་རོག་གནམ་ལུ་ལྡིང་།།   དཔལ་ལྡན་འབྲུག་གི་མི་སེར་དཔའ་ཉམས་འབྱུང་།།
བཀྲིན་ཆེ།།