Sunday, 6 September 2015



༼འབྲུག་རྒྱལ་བཙུན་ ༢༠༡༡ ལོར༽
འབངས་འཁོར་ཆོས་བཞིན་སྐྱོང་བའི།། འབངས་རྣམས་སྐྱིད་པའི་འབྱུང་གནས།།
གེ་སར་རྒྱལ་པོའི་རྣམས་སྤྲུལ།། ཆོས་རྒྱལ་གེ་སར་རྒྱལ་པོ།།
ཐུགས་རྗེ་རྣམས་པར་བཀྲ་བའི།། སྟོངས་ཕུད་ཅན་གྱི་མི་དབང་།།
མཚན་ཉིད་ལྡན་པའི་མཁའ་འགྲོ།། ཨ་ཞེས་རྗེ་བཙུན་པད་མ།།
རྣམ་བསྐོས་ལྷ་ལས་བབས་པ།། ཡུན་གྲོགས་པའི་སྨོན་ལམ།།
མི་དབང་རྒྱལ་བཙུན་རྣམས་གཉིས།། འཛུམ་ཞལ་མི་འགྱུར་སྨོན་ལམ།།
གེ་སར་རྒྱལ་བཙུན་མཆོག་ནི། མི་སེར་རེ་བའི་བསྐོང་གནས།།
ཡིད་བཞིན་ནོར་བུའི་ནུས་ལྟར།། ཡུན་བརྟན་མཛན་པའི་སྨོན་ལམ།།
འཛམ་གླིང་འགྲན་ཟླ་བྲལ་བའི།། ལུང་བསྟན་ཅན་གྱི་རྒྱལ་པོ།།
འཁྱེན་རྒྱ་གང་བ་ཆེ་བས།། རྒྱལ་ཁབ་སྲོག་སྐྱོང་མཛད་དོ།
མི་དབང་རྒྱལ་བཙུན་མཆོག་གི། སྐུ་བསོད་དབང་ཐང་འཕེལ་ཏེ།།
འབྲུག་གཞུང་དཔལ་འབྱོར་དགའ་སྐྱིད། ཡར་ངོའི་ཟླ་ལྟར་འཕེལ་ཤོག།
མི་སེར་དགའ་བའི་གླུ་ལེན། སྐྱིད་པའི་དགའ་ཚོར་བྲོ་འཁྲབ།།
ལྷ་ཡུལ་ལྟ་བུའི་བདེ་སྐྱིད་འདི། སྐལ་དུས་སྐབས་འབྱུང་བར་ཤོག།
བསྐལ་པ་དཔག་ཏུ་མེད་པའི།། སྔོན་བསགས་སྐུ་བསོད་རྒྱ་ཆེནམ།།
གཟི་བརྗིད་དབང་ཐང་ཆེ་སྟེ།། ཞལ་རས་བཅོ་ལྔའི་ཟླ་བ།།
དམ་ཚིག་དད་དམ་ཆེ་བའི།། མི་སེར་སྐྱ་སེར་ཕོ་མོ།།
སྤྲོ་ཉམས་ཆེ་བའི་ངང་ལས།། བཀྲིས་ཁ་དར་འཕུལ་གེ།
བཀྲིན་ཆེ། 
By Tshering Nidup, 11 Arts, NHSS
 (2011)

No comments:

Post a Comment